致试点调查住户的一封信

时间:2020-06-19 19:13:43来源:人普办作者:

致试点调查住户的一封信

ཚོད་ལྟའི་རྟོག་ཞིབ་ཁུལ་གྱི་ཁྱིམ་དུད་ལ་སྤྲིངས་པའི་འཕྲིན་ཡིག

尊敬的住户:您好!

为做好第七次全国人口普查工作,西藏自治区第七次全国人口普查领导小组办公室决定在拉萨市城关区开展综合试点,目的是完善普查方案、积累组织工作经验。您所在的社区被选为试点区域,在6月11日至6月21日期间,我们的调查员将佩戴自治区人普办统一颁发的《调查员证》入户登记。

本次普查登记采用普查员入户询问、当场填报的方式进行。为缩短在您家的登记时间,请您提前了解家中每一个成员的身份证号码、出生年月、受教育程度、外来外出情况(有外出人口的住户,请了解外出居住地)等信息,并在家中留一位熟悉情况的人员协助做好普查,以保证登记信息的准确性。

我们真诚地邀请您在百忙中抽出宝贵时间协助完成西藏自治区第七次全国人口普查综合试点工作,如实提供准确信息。我们将严格遵守《中华人民共和国统计法》的规定对您提供的信息予以保密。

感谢您对人口普查工作的理解、配合和支持!

祝工作顺利、家庭幸福、扎西德勒!

                     西藏自治区第七次全国人口普查领导小组办公室

                                 2020年6月


གུས་བཀུར་འོས་པའི་ཁྱིམ་དུད་རྣམ་པ་སྐུ་ཁམས་བཟང་།

    རྒྱལ་ཡོངས་ཀྱི་ཐེངས་བདུན་པའི་མི་འབོར་ཡོངས་བཤེར་ལས་དོན་གང་ལེགས་སྒྲུབ་ཕྱིར་བོད་རང་སྐྱོང་ལྗོངས་ཐེངས་བདུན་པའི་མི་འབོར་ཞིབ་བཤེར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་ལ་ཕྱོགས་བསྡུས་ཚོད་ལྟ་སྤེལ་རྒྱུའི་ཐག་བཅད་པ་དང་དེའི་དམིགས་ཡུལ་ནི་ཡོངས་བཤེར་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་སྒྲིག་འཛུགས་ལས་དོན་གྱི་ཉམས་མྱོང་གསོག་འཇོག་བྱ་རྒྱུ་དེ་ཡིན། ཁྱེད་ཉིད་གནས་ཡུལ་གྱི་སྡེ་ཁུལ་ནི་ཚོད་ལྟའི་ཁུལ་ཁོངས་ལ་བདམས་ཟིན་པས་ཟླ་6པའི་ཚེས་11ནས་ཟླ་6པའི་ཚེས་21བར་ལ་ང་ཚོའི་རྟོག་ཞིབ་པས་རང་སྐྱོང་ལྗོངས་མི་འབོར་ཡོངས་བཤེར་གཞུང་ལས་ཁང་ནས་གཅིག་གྱུར་སྤྲད་པའི་《རྟོག་ཞིབ་པའི་ལག་ཁྱེར་》བཏགས་ནས་ཐེམ་དུད་ནང་ཐོ་འགོད་བྱེད་པར་ཡོང་གི་རེད།

    ཐེངས་འདིའི་ཡོངས་བཤེར་ཐོ་འགོད་ནི་ཡོངས་བཤེར་མི་སྣས་ཐེམ་དུད་ནང་ཞུགས་ནས་འདྲི་རྩད་དང་ས་ཆ་དེ་རང་དུ་རེའུ་མིག་འབྲི་བའི་བྱ་ཐབས་སྤྱོད་རྒྱུ་ཡིན། ཁྱེད་ཀྱི་ཁྱིམ་དུ་ཐོ་འགོད་བྱེད་པའི་དུས་ཚོད་རིང་པོ་མི་ཡོང་བའི་ཕྱིར་ཁྱེད་ཀྱིས་སྔོན་ཚུད་ནས་ནང་མི་ཚང་མའི་ཐོབ་ཐང་ལག་ཁྱེར་དང་། སྐྱེས་ལོ།  སློབ་གསོ་ཐེབས་ཚད། ཕར་འགྲོ་ཚུར་འོང་གི་གནས་ཚུལ་(ཕྱིར་ཐོན་པའི་མིའི་སྡོད་གནས་ཡོད་ཚེ་ཕྱིར་ཐོན་པའི་སྡོད་གནས་ཤེས་རྟོགས་བྱེད་དགོས་)ཆ་འཕྲིན་སོགས་ཤེས་རྟོགས་གནང་དགོས་པ་མ་ཟད་ཁྱིམ་ཚང་ནང་གནས་ཚུལ་གསལ་པོ་ཤེས་མཁན་ཞིག་བསྡད་ནས་ཡོངས་བཤེར་ལས་དོན་ལ་གཞོགས་འདེགས་བྱས་ཏེ་ཐོ་འགོད་བྱས་པའི་ཆ་འཕྲིན་གྱི་ཡང་དག་རང་བཞིན་ལ་འགན་ལེན་ཐུབ་པ་བྱེད་དགོས།

    ང་ཚོས་ལྷག་བསམ་རྣམ་དག་གིས་སྐུ་ཉིད་ཀྱིས་མཛད་བྲེལ་ཁྲོད་ནས་རྩ་ཆེའི་དུས་ཚོད་ཕྲན་ཙམ་སྤྱད་དེ་བོད་རང་སྐྱོང་ལྗོངས་ཐེངས་བདུན་པའི་མི་འབོར་ཡོངས་བཤེར་ཕྱོགས་བསྡུས་ཚོད་ལྟའི་ལས་དོན་ལ་གཞོགས་འདེགས་གནང་རོགས་ཞུ་རྒྱུ་ཡིན་པས་དྲང་བདེན་དང་ཡང་དག་པའི་ཆ་འཕྲིན་མཁོ་འདོན་ཡོད་པ་ཞུ། ང་ཚོས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བསྡོམས་རྩིས་བཅའ་ཁྲིམས་》ཀྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཁྱེད་ནས་འདོན་སྤྲོད་གནང་བའི་ཆ་འཕྲིན་ལ་གསང་སྲུང་བྱ་རྒྱུ་ཡིན།

    ཁྱེད་ཀྱིས་མི་འབོར་ཡོངས་བཤེར་ལས་དོན་ལ་བསམ་གཞིགས་དང་། གཞོགས་འདེགས། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  སྐུ་ཉིད་བྱ་བ་ལམ་ལྷོངས་དང་། ཁྱིམ་ཚང་བདེ་སྐྱིད།   བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།

བོད་རང་སྐྱོང་ལྗོངས་ཐེངས་བདུན་པའི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།

2020ལོའི་ཟླ་6པར།